From Friends of Dr. Tsering Wangchuk
༄༅།། མཚུངས་མེད་དབུས་གཙང་རྒྱ་ཆེ་མང་ཚོགས་ཀྱི་སྙན་ལམ་དུ།
Dharamsala, Ladakh, Delhi, Orissa, Miao, Bylakuppe, Mundgod, Kollegal, Hunsur, Mainpat, Bhandara, Dekyiling, Mussooire, Kador Gangsum and Rawangla


༄༅།། མཚུངས་མེད་དབུས་གཙང་རྒྱ་ཆེ་མང་ཚོགས་ཀྱི་སྙན་ལམ་དུ།
༼ཁྱེད་ཀྱི་འོས་མི་༽
སྤྱི་འཐུས་གསར་པ། བསམ་བློ་གསར་པ།
ཨེམ་རྗེ་ཚེ་རིང་དབང་ཕྱུག་ལ་འོས་འཕེན་རོགས་གནང་།
མིང་། | ལུང་ཚན། | སྡོད་གནས། | ལས་གནས། |
ཚེ་རིང་དབང་ཕྱུག | མངའ་རིས། | སྦེལ་ཀོབ། | སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་ཨེམ་རྗེ། |
རང་ཉིད་ནི། སྤྱི་དོན་སེམས་འཁུར། ནུས་རྩལ་དང་ཆ་རྐྱེན་ཚང་བའི་སྐབས་ ༡༥ པའི་དབུས་གཙང་སྤྱི་འཐུས་སྔོན་འགྲོའི་འོས་འདེམས་ཐེངས་གཉིས་པའི་
འོས་མི་ཞིག་ཡིན། གུས་པ་འོས་འདེམས་གཉིས་པའི་ཁོངས་སུ་འཛུལ་བཞུགས་བྱེད་དགོས་དོན་ནི། གནས་ཡོད་མི་སྣ་མང་པོ་ཞིག་དང་། འབྲེལ་ཡོད་མང་
པོ་ཞིག་ནས་བསྐུལ་མ་བྱུང་པ་ལྟར་ད་རེས་ཀྱི་སྤྱི་འཐུས་ནང་དུ་ན་གཞོན་རྣམས་ཀྱི་འགན་འཁུར་བླངས་ནས་ངེས་པར་དུ་འོས་མིའི་ཁོངས་སུ་བཞུགས་
དགོས་པའི་འབོད་བསྐུལ་གནང་པ་བཞིན་ཆོས་སེམས་བརྟན་པོས་སེམས་ཤུགས་མ་ཆགས་པར་སྤྱི་འཐུས་འོས་མིའི་ནང་བཞུགས་ནས་ངེད་ཅག་གི་སྤྱི་
ཚོགས་སྔར་ལྷག་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན། ངོ་སྤྲོད་མདོར་བསྡུས། སྐྱེས་ལོ། ༡༩༧༤ ཟླ་ ༥ ཚེས་ ༡༥ སྐྱེས་ཡུལ། ལ་
དྭགས་སླེ། ད་ལྟའི་འཚོ་གནས། སྦེལ་ཀོབ། འཚོ་བྱེད་ཁང་གསར་སྨན་ཁང་གི་ཨེམ་རྗེ། ཤེས་ཡོན་དང་ཉམས་མྱོང་།ཕྱི་ལོ་ ༡༩༩༣ ལོར་ཌལ་ཧོ་སི་གཏན་
སློབ་ནས་དམའ་རིམ་དང་འབྲིང་རིམ་སློབ་གྲྭ་གཉིས། དེ་རྗེས་མ་སུ་རི་གཏན་སློབ་ནས་གཞི་རིམ་སློབ་གྲྭ་འཛིན་གྲྭ་བཅུ་གཅིག་དང་བཅུ་གཉིས་ཀྱི་རྒྱལ་
ཡོངས་ཡིག་ཚད་ཨང་ཀི་དང་པོའི་གྲས་སུ་འཐོན་པ་ཡིན། ཕྱི་ལོ་ ༡༩༩༤ ལོར་རང་གཞུང་ཤེས་རིག་ལྷན་ཁང་ནས་སྨན་སློབ་ཁོངས་སུ་འདེམས་ཐོན་
བྱུང་སྟེ་ཡོ་རོབ་རྒྱལ་ཁབ་པོ་ལེནཌ་གྱི་རྒྱལ་ས་ཝར་སའོ་ཞེས་པར་དམིགས་བསལ་སྨན་གྱི་མཐོ་སློབ་ཁང་དུ་སྨན་པའི་སློབ་སྦྱོང་ (Doctor of
Medicine) དང་དེའི་སྐབས་ཉམས་མྱོང་དང་ཟབ་སྦྱོང་རྣམས་མཐར་ཕྱིན་ནས་ཕྱི་ལོ་ ༢༠༠༣ ལོར་ཆེ་བསྟོད་ལག་འཁྱེར་འཐོབ། སྨན་གྱི་སློབ་སྦྱོང་
མཐར་ཕྱིན་ནས་ཕྱི་རྒྱལ་དུ་རང་མགོ་གང་ཐོན་གྱི་འཚོ་བ་མ་བསྐྱེལ་བར་ཕྱི་ལོ་ ༢༠༠༣ལོར་དང་བླངས་ཐོག་སྤྱི་དོན་སེམས་འཁུར་གྱི་བོད་མིའི་སྤྱི་ཚོགས་
ནང་ཞབས་ཞུ་སྒྲུབ་སླད་ཕྱིར་རྒྱ་གར་དུ་ལོག ༢༠༠༣ ནས་ ༢༠༠༨ མི་ལོ་ཧྲིལ་པོ་ལྔ་ལྷག་རིང་བོད་གཞུང་འཕྲོད་བསྟེན་འོག་ཨོ་རི་ས་ཕུན་ཚོགས་གླིང་
སྨན་བླ་སྨན་ཁང་གི་སྨན་པའི་འགན་འཁུར་བླངས། སྐབས་དེར་༸གོང་ས་མཆོག་ཨོ་རི་ས་གཞིས་ཆགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་
དམིིགས་བསལ་ཟུར་མཇལ་གྱི་བཀའ་སློབ་གནང་དོན།བོད་མི་ཚོས་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་ལས་གཞི་ཆེ་ཆུང་གང་འདྲ་ཡིན་རུང་ལྷག་བསམ་རྣམ་
དག་གི་ཞབས་ཞུ་སྒྲུབ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་ཡིན།༸མགོན་པོ་གང་གི་བཀའ་སློབ་བྱིན་མཐུས་སྤྱི་ཚོགས་ཀྱི་ཞབས་ཞུ་སྒྲུབ་རྒྱུའི་སེམས་ཤུགས་
སྔར་ལྷག་འཕེལ། ཨོ་རི་སར་ལོ་ངོ་ལྔའི་རིང་སྨན་པའི་ཞབས་ཞུ་སྒྲུབ་རིང་གཞིས་ཆགས་མི་མང་དང་ཁྱིམ་མཚེས་རྒྱ་གར་གྲོང་གསེབ་མི་མང་གི་འཕྲོད་
བསྟེན་ཞབས་ཞུ་དང་ཡར་རྒྱས། ས་གནས་སྨན་ཁང་དེ་བཞིན་འབྲིང་རིམ་སྨན་ཁང་ཞིག་ཏུ་འཛུགས་བསྐྲུན་ཐུབ་པའི་འབད་བརྩོན་ལྷོད་མེད་བྱས་ཤིང་
སྒྲུབ་འབྲས་ཐོན་པ་བྱུང་། ཚ་བའི་ནད་གཞི་མ་ལེ་རི་ཡའི་སྔོན་འགོག་གི་ལས་གཞི་ཀྱང་རྒྱ་ཆེན་པོ་སྒྲུབ་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༠༨ ནས་ ༢༠༠༩
བར་རྡོ་རྗེ་གླིང་སྐྱབས་བཅོལ་བོད་མིའི་རང་སྐྱོབས་སྨན་ཁང་གི་འགན་འཛིན་དང་སྨན་པ་གཅིག་ལྕོགས་ཞུས། ཕྱི་ལོ་ ༢༠༠༩ ནས་སྦེལ་ཀོབ་འཚོ་བྱེད་
སྨན་ཁང་གི་ཨེམ་རྗེའི་ལས་འགན་ཞུས་བཞིན་པ་ཡིན། རང་ཉིད་ལ་ཤེས་ཡོན་གྱི་གོ་སྐབས་བཟང་པོ་འཐོབ་པ་ནི་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་
པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་པ་དང་། དེ་བཞིན་བོད་གཞུང་གཏན་སློབ་ཁག་དང་བོད་ཕྲུག་ཁྱིམ་སྡེ་བཅས་ནས་
བྱུང་པ་ཞིག་ཡིན། གལ་ཏེ་གུས་པ་སྤྱི་འཐུས་ནང་འདེམས་ཐོན་བྱུང་ན་གཙོ་བོ་བོད་ནང་གི་ཛ་དྲག་གནས་ཚུལ་རྣམས་ལ་དམིགས་བསལ་བལྟ་རྟོགས་
བྱེད་རྒྱུ་དང་། བོད་མིའི་བདེན་པའི་འཐབ་རྩོད།དེ་དང་འབྲེལ་ཡོད་གནས་ཚུལ་བོད་ཕྱི་ནང་གཉིས་ཀར་ཁྱབ་སྤེལ་བྱེད་རྒྱུ་མ་ཟད།ལྷག་པར་བོད་མིའི་
འཕྲོད་བསྟེན་དང་ན་གཞོན་རྣམས་ཀྱི་རིག་གཅིག་རྐང་འཛིན་ཐོག་ཤེས་ཡོན་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན། མི་རབས་གསར་པ་
རྣམས་མགོ་བོ་རྨོངས་ནས་མ་བཞུགས་པར་སྤྱི་དོན་ལ་བསམ་ནས་བོད་ཀྱི་རྩ་དོན་ཆེད་ནུས་ཤུགས་སྟོན་པའི་དུས་ལ་བབས་འདུག །
No comments:
Post a Comment